08 December 2022

 

རྒྱལ་གཞུང་ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ ༢༠༢༢།

 ད་རེས་ རང་ལུགས་གནམ་ལོ་ཆུ་ཕོ་སྟག་ལོ་ རང་ཟླ་༡༠ པའི་ ཚེས་༡༥ འམ་ སྤྱི་ཚེས་༨/༡༢/༢༠༢༢ གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིནམ་དང་འབྲེལ་ བཀྲིས་གཡང་རྩེ་རྫོང་ཁག་མངའ་འོག་ལུ་ཡོད་པའི་ དད་དམ་ལྷོད་མེད་ཀྱི་སྒོ་ལས་ འབྲུག་གཞུང་རྩ་བ་གསུམ་ལུ་ སྒྲིག་གཡོག་ནང་ ལོ་ངོ་ ༡༠། ༢༠། དང་ ༣༠ དེ་ལས་ མི་ཚེ་གཅིག་ཞི་གཡོག་སྦེ་ ཕྱག་ཞུ་མི་ཡོངས་ རྒྱལ་གཞུང་ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་ཚབ་དྲགོས་རྫོང་བདག་མཆོག་གི་ ཕྱག་ལས་ཞུ་ཡོདཔ་ཨིན།

ཡང་བསྐྱར་ བཀྲིས་གཡང་རྩེ་རྫོང་ཁག་བདག་སྐྱོང་གི་ཧོང་ལས་ གཟེངས་སྟོད་ཀྱི་རྟགས་མ་ཞུ་མི་ཡོངས་ལུ་ བཀྲིས་བདེ་ལེགས་ཟེར་ཞུ་ནི་ཨིན།